གཞང་འབྲུམ་གྱི་ནད་སྔོན་འགོག་བྱེད་ཐབས་ཀྱི་རྒྱུན་ཤེས། 如何预防痔疮?

དྲིལ་སྒྲོག་པ། ཆོས་དཔལ་བཟང་པོ། 宣讲者:邱华绒吾
གཅིག ཅི་ཞིག་ལ་གཞང་འབྲུམ་ཞེས་ཟེར།
གཞང་འབྲུམ་ཞེས་པ་ནི་ཡུན་རིང་ལ་རྩ་སྐམ་པ་དང་།སྡོད་ཡུན་རིང་བ་དང་།ཡར་ལངས་ཡུན་རིང་བ།ཡང་ན་ནད་ཡམས་ཁ་ཅིག་གི་རྒྱུ་རྐྱེན་སོགས་ཀྱིས།གཉེ་མའི་མཚམས་དང་གཞང་ཁའི་འབྱར་སྐྱི་སོགས་ཀྱི་སྡོད་རྩའི་ནང་དུ་ཁྲག་གསོགས་པའམ།སྡོད་རྩ་རྒྱས་པ།ཡང་ན།རྩ་འབམ་བྱུང་བ་སྟེ་རྩ་འཁྱོགས་པོར་སྐྱེས་པ་སོགས་ཀྱིས་སྣ་གཅིག་གམ།གཅིག་ལས་མང་བའི་སྡོད་རྩའི་ཕུང་བོ་གཅིག་ཏུ་འདུས་པ་ཞིག་ལ་ཟེར།
展开剩余95%གཉིས།གཞང་འབྲུམ་ལ་རིགས་དུ་ཡོད།
གཞང་འབྲུམ་ལ་རིགས་གསུམ་ཡོད་དེ།ཕྱི་འབྲུམ་ཞེས་གཞང་ཁར་མངོན་པའི་རྨ་འབྲུམ་ཅན་དང་།ནང་འབྲུམ་ཞེས་གཉེ་མའི་མཚམས་ཏེ།ཕྱི་ནས་བལྟས་ན་རིག་མི་ཐུབ་པའི་རྨ་འབྲུམ་ཅན་དང་།བསྲེས་འབྲུམ་ཞེས་ཕྱི་འབྲུམ་དང་ནང་འབྲུམ་གཉིས་པོ་ཡོད་ཅིང་།གཉིས་པོ་ཕན་ཚུན་བསྲེས་ཤིང་འདྲེས་ཡོད་པའི་རྣམ་པ་ཅན་བཅས་རིགས་གསུམ་ཡོད་དོ།།
གསུམ།གཞང་འབྲུམ་ལ་ནད་རྟགས་གང་དག་ཡོད།
གཞང་འབྲུམ་གྱི་རིགས་མ་འདྲ་ན།ནད་རྟགས་ཀྱང་མི་འདྲ་སྟེ།
ནང་འབྲུམ་ལ་ཁྲག་ཐོན་པ་དང་རྨ་རོ་ལྷུང་བ།ན་ཟུག་མེད་ཅིང་།སྐབས་རེ་རྩ་གཏོང་བ་དང་མཉམ་དུ་ཁྲག་ཐོན་པའི་ནད་རྟགས་ཡོད།
ཕྱི་འབྲུམ་ལ་གཞང་ཁར་མི་བདེ་བའི་ཚོར་བ་ཡོད་པ་དང་།གཞང་ཁ་རླན་ཤས་ཆེ་བ།ཟ་འཕྲུག་རྒྱུག་པ་སོགས་ཀྱི་ནད་རྟགས་ཡོད།
བསྲེས་འབྲུམ་ལ་གོང་གི་ཕྱི་འབྲུམ་དང་ནང་འབྲུམ་གཉིས་པོའི་ནད་རྟགས་ཡོད་སྲིད།

བཞི།མི་གང་དག་ལ་གཞང་འབྲུམ་བྱུང་སླ་བོ་ཡོད།
ལས་བྱེད་པ།ལས་བྱེད་པ་ནི་དུས་རྒྱུན་དུ་འདུག་ས་གཅིག་ཏུ་ཡུན་རིང་ལ་འདུག་དགོས་པས།མཚང་ཁོག་གི་ཁྲག་གི་རྒྱུ་ཚད་དམའ་མོ་ཡོད་ལ།གཞང་ཁར་ཁྲག་གསོགས་པའི་ཉེན་ཁ་ཡོད་ཅིང་།གལ་ཏེ།འགུལ་སྐྱོད་མི་བྱེད་པ་དང་།ཁ་ཚ་མོ་སོགས་ཚོར་བ་རྣོ་བའི་ཟས་རིགས་བསྟེན་རྒྱུ་མང་ན།གཞང་འབྲུམ་བྱུང་ཉེན་ཆེ།
སྦྱིན་བདག་ཕོ་བ་ཆེན་པོར་གྱུར་ཡོད་པའི་སྦྱིན་བདག་ཞིག་ལ་མཚོན་ན།དུས་རྒྱུན་དུ་འགུལ་སྐྱོད་བྱེད་ཚད་ཉུང་ཞིང་།ནམ་རྒྱུན་ཚོང་དོན་གྱི་ཆེད་དུ་མགྲོན་ཁ་མང་བ་དང་།དུས་རྒྱུན་དུ་དུ་བ་འཐེན་པ་དང་།ཆང་འཐུང་བ།གཉིད་ཆག་པ།ཟས་རིགས་ཀྱི་འཚོ་རྩིའི་སྒྲིག་གཞི་སྙོམ་པོ་མིན་པ་སོགས་ཀྱིས་གཞང་འབྲུམ་བྱུང་ཉེན་ཆེ།
ཁ་ལོ་བ།ཁོ་ལོ་བ་ནི་དུས་ཡུན་རིང་བོར་འདུག་ས་གཅིག་ཏུ་འདུག་དགོས་པས།ཕོ་བའི་ཁྲག་རྒྱུ་ཚད་དམའ་ཞིང་།རྐང་བའི་སྡོད་རྩའི་འཁོར་སྐྱོད་ཀྱི་རྩ་འཚང་ཞིང་རྐང་འབམ་དུ་འགྱུར་བ་དང་།ཁྲག་རྒྱུ་མི་ཐུབ་པར་ཕྱོགས་གཅིག་ཏུ་གསོགས་ཉེན་ཆེ་བས།གཞང་འབྲུམ་བྱུང་ཚད་མཐོ།
སྦྲུམ་མ།སྦྲུམ་མའི་མཚང་ཁོག་གི་འཕར་རྩའི་ནང་གི་ཁྲག་རྒྱུ་ཚད་མཐོན་པོ་ཡོད་ལ།སྦྲུམ་བུ་ཇེ་ཆེར་སོང་བ་དང་བསྟུན།མཚང་ཁོག་གི་གནོན་ཤུགས་ཀྱང་ཇེ་ཆེར་འགྲོ་ཞིང་།གཞང་ཁའི་ཁྲག་རྩའི་ནང་གི་ཁྲག་རྒྱུ་ཚད་ལ་བཀག་རྒྱ་ཐེབས་ཉེན་ཡོད་པར་མ་ཟད།སྦྲུམ་མ་མང་པོ་ཞིག་ལ་རྩ་སྐམ་པའི་གནད་དོན་ཡོད་པས།གཞང་འབྲུམ་བྱུང་སླ་དང་གཞང་འབྲུམ་ཚབས་ཇེ་ཆེར་གཏོང་སྲིད།
རྩ་སྐམ་ནད་པ།རྩ་སྐམ་པའི་གནད་དོན་ཡོད་ན།ཤ་རྒོད་སོགས་ཀྱི་ཕུང་གྲུབ་ཕན་ཚུན་བར་འཐེན་གནོན་བྱེད་པའི་ཉེན་ཁ་ཡོད་པས།དེའི་ནང་གི་ཁྲག་རྒྱུ་ཚད་དམའ་མོ་ཡོད་ཅིང་།གཞང་ཁའི་འབྱར་སྐྱིའི་ནང་དུ་ཆུ་གསོག་པ་སོགས་ཀྱི་ཉེན་ཁ་ཡོད་པས།གཞང་འབྲུམ་བྱུང་སླ་བོ་ཡོད།
ལོ་ལོན།ལོ་ལོན་ནི་གཞང་འབྲུམ་བྱུང་སླ་ཤོས་ཀྱི་མི་ཚོགས་ཤིག་ཡིན།

ལྔ།གཞང་འབྲུམ་ཡོད་མེད་ཇི་ལྟར་བརྟག་དགོས།
གཞང་འབྲུམ་ཡོད་མེད་བརྟག་པར།ལྟ་རེག་གཉིས་དང་གཞང་ཤེལ(肛门镜)གྱི་བརྟག་བཤེར་བཅས་ཐབས་ལམ་གསུམ་ཡོད།གཞང་འབྲུམ་མང་ཆེ་ཤོས་ནི་སྨན་པས་བལྟས་པ་ཙམ་གྱིས་ངོས་འཛིན་ཐུབ་ཀྱིན་ཡོད་ལ།གལ་ཏེ།གཞང་ནང་དུ་རྨ་འབྲུམ་རིང་པོ་བསྣར་ཡོད་པའི་ནད་པ་ཡིན་ན།ཐང་དུ་བསྡད་ནས་མི་གཙང་བ་བཏང་རྗེས་ལམ་སང་བརྟག་བཤེར་བྱས་ན་བཟང་།གཞང་འབྲུམ་ལ་རེག་བརྟག་བྱེད་པའི་ཐབས་ལམ་དེས་ནང་འབྲུམ་ཅན་ཡིན་མིན་ངོས་འཛིན་ཐུབ་ལ།ད་དུང་གཞང་སྐྲན་དང་གཉེ་མའི་ཤ་ལུ་སོགས་ཡོད་མེད་ལའང་བརྟག་ཐུབ་ཀྱི་ཡོད་ཅིང་།གལ་ཏེ།དེས་ཀྱང་གསལ་བོ་མ་རྟོགས་ན།གཞང་ཤེལ་གྱིས་བརྟག་བཤེར་བྱས་ནས་བརྡར་ཤ་གཅོད་དགོས།
དྲུགགཞང་འབྲུམ་གྱི་ནད་ཇི་ལྟར་བཅོས་དགོས།
གཞང་འབྲུམ་ལ་བཅོས་ཐབས་མི་འདྲ་བ་དྲུག་ཙམ་ཡོད་དེ།
སྨན་རྫས་ཀྱི་བཅོས་ཐབས།དེ་ལ་སྨན་རྫས་ཁ་རུ་འཐུང་རྒྱུ་དང་ཕྱི་རུ་བྱུགས་རྒྱུ་བཅས་རིགས་གཉིས་ཡོད་ལ།རྒྱལ་ནང་དུ་གཙོ་བོ་ཕྱི་རུ་བྱུགས་པའི་སྨན་དེ་སྤྱོད་བཞིན་ཡོད།
ཁབ་རྒྱག་པའི་བཅོས་ཐབས།སྲ་འགྱུར་གྱི་ཁབ་ཆུ་རྒྱག་པ་བརྒྱུད་ནས།གཞང་འབྲུམ་གྱི་རྨ་རོ་སྲ་འགྱུར་དང་འཁུམ་འགྱུར་བྱེད་དུ་འཇུག་པའི་བཅོས་ཐབས་ཤིག་ཡིན།
གློག་དམར་ཀྱི་བཅོས་ཐབས།བཅོས་ཐབས་འདི་དང་གོང་གི་ཁབ་རྒྱག་པའི་བཅོས་ཐབས་ཀྱི་རྩ་བའི་རིགས་པ་གཅིག་པ་ཡིན་ཏེ།གཉིས་པོས་རྨ་རོ་སྲ་འགྱུར་དང་འཁུམ་འགྱུར་བྱེད་དུ་འཇུག་བཞིན་ཡོད།
འགྱིག་ཐག་གིས་སྡོམ་པའི་བཅོས་ཐབས།འགྱིག་ཐག་ཅིག་གིས་གཞང་འབྲུམ་གྱི་རྨ་འབྲུམ་བསྡམས་ནས་དེའི་ནང་གི་ཁྲག་རྒྱུ་མཚམས་གཅོད་པའི་བཅོས་ཐབས་ཤིགདེ་ལྟར་བྱས་ན།རྨ་འབྲུམ་གྱི་ནང་དུ་ཁྲག་གསར་པ་མ་ཐོན་ཚེ།རང་ཤུགས་ཀྱིས་སྐྱེ་མི་ཐུབ་པར་སྐམ་ནས་རང་རྡོལ་འབྱུང་ཞིང་།རིམ་བཞིན་དྲག་འགྲོ་བའི་བཅོས་ཐབས་ཤིག་ཡིན།
འདས་སྒྲའི་སྡོམ་བཅོས་ཀྱི་བཅོས་ཐབས(多普勒超声引导下痔动脉结扎术)།འདས་སྒྲའི་བརྟག་འཕྲུལ་གྱིས་བརྟག་བཤེར་བྱས་པ་བརྒྱུད་ནས་གཞང་འབྲུམ་གྱི་རྨ་འབྲུམ་གང་དུ་ཡོད་པ་གསལ་བོར་རྟོགས་རྗེས།ཐག་པས་རྨ་འབྲུམ་འབྲུམ་རྩ་གཏིང་ནས་སྡོམ་པའི་སྨན་བཅོས་བྱ་ཐབས་ཤིག་ཡིན།
གཤག་བཅོས།གོང་གི་བཅོས་ཐབས་དག་གིས་བཅོས་མ་ཐུབ་པའི་སྐབས་སུ།གཤག་བཅོས་ཀྱི་ཐབས་ལམ་བརྒྱུད་ནས་རྨ་འབྲུམ་གྱི་ཕྱི་ངོས་གྲིས་གཤག་ནས་ཁ་བརྟོལ་ཅིང་།ནང་གི་འབྲུམ་རྩ་ཚང་ནས་འབྱིན་པའི་སྨན་བཅོས་བྱ་ཐབས་ཤིག་ཡིན།

བདུན།གཞང་འབྲུམ་ཇི་ལྟར་སྔོན་འགོག་བྱ་དགོས།
ནམ་རྒྱུན་འཚོ་བའི་ཁྲོད་ནས་གཤམ་གྱི་ཐབས་ལམ་དག་བརྒྱུད་ནས་གཞང་འབྲུམ་སྔོན་འགོག་བྱ་དགོས་ཏེ།
ལུས་པོ་སྦྱོང་བརྡར་བྱ་བ་སྟེ།ལུས་ཚུགས་རྣམ་པ་གཅིག་གི་སྒོ་ནས་ཡུན་རིང་ལ་འདུག་པའམ་ལངས་བ་སོགས་མི་བྱ་བར།ཁྲག་གི་འཁོར་རྒྱུག་ཇེ་ཆེར་གཏོང་བ་དང་།ཕོ་ཁ་དང་རྒྱུ་མའི་འགུལ་སྐྱོད་ལ་ཤུགས་སྣོན་བྱས་པ་བརྒྱུད།མི་གཙང་བ་རྒྱུན་ལྡན་ལྟར་གཏོང་ཐུབ་པར་སྐུལ་འདེད་བྱེད་པ།
རྩ་སྐམ་པའི་གནད་དོན་སྔོན་འགོག་བྱ་བ་དང་།རྩ་གཏོང་མི་ཐུབ་པའི་གནད་དོན་སེལ་བ།གལ་ཏེ།རྩ་སྐམ་པའི་གནད་དོན་ཚབས་ཆེན་ཡོད་ན།དུས་ཐོག་ཏུ་སྨན་པར་བསྟེན་པ།
སྤྱོད་ཁང་དུ་སོང་དུས་ཁ་པར་དང་དེབ་སོགས་ལ་བལྟས་ནས་ཡུན་རིང་ལ་སྡོད་པ་དང་།བཤང་བ་གཙང་མར་མི་གཏོང་བ།བཤང་བ་གཏོང་སྐབས་ཤུགས་ཆེན་པོ་ཕུད་ནས་བཙིར་བ་སོགས་ཀྱིས་གཞང་འབྲུམ་བསྐྱེད་ཉེན་ཡོད་པས།དེ་དག་ལའང་གཟབ་དགོས།
ལབ་སེར་དང་གཅའ་ཚལ་སོགས་སྔོ་ཚལ་གྱི་རིགས་དང་།གྲོ་དང་སྲན་མ།འབྲས་སོགས་འབྲུ་རིགས།ཀུ་ཤུ་དང་ཆུ་ཀུབ།ཚ་ལི་མ་སོགས་ཤིང་ཏོག་གི་རིགས་ཏེ།རྒྱུས་རྩི་མོད་པོ་ཡོད་པའི་ཟས་རིགས་མང་ཙམ་བསྟེན་དགོས་ལ།གལ་ཏེ།ཉིན་རེར་སྲན་མ་དང་སྔོ་ཚལ་ཁེ20~35རེ་ཟོས་པ་ཡིན་ན།བཤང་བའི་བོངས་ཚད་རྒྱས་པ་དང་།རྒྱུ་མའི་འགུལ་སྐྱོད་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་དགེ་མཚན་ཡོད་པས།རྩ་སྐམ་པའི་གནད་དོན་མི་འབྱུང་བར་ཕན།གཞན་ད་དུང་ཤེས་དགོས་པ་ཞིག་ལ།གཞང་འབྲུམ་གྱི་ནད་སྔོན་འགོག་བྱ་བར་ཆང་མི་འཐུང་བའང་ཤིན་ཏུ་གལ་ཆེའོ།།

发布于:北京市富明证券提示:文章来自网络,不代表本站观点。